查看原文
其他

女子组投票开始!2019年比如县艺术节“牧人风采·比如形象”网上投票!

网信比如 2023-12-15

友情提示

点击上面“网信比如”可关注哟~

སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ།

热烈庆祝新中国成立70周年!

སྤྲོ་སེམས་འཁོལ་བའི་ངང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།

热烈庆祝西藏民主改革60周年!

སྤྲོ་སེམས་འཁོལ་བའི་ངང་འབྲི་རུ་རྫོང་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།

热烈庆祝比如县建县60周年!

འབྲི་རུ་རྫོང་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་།  སྐབས་བཅུ་གཅིག་པའི་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་དབྱར་རྩྭ་དགུན་འབུའི་ཚོང་འདུས་དེ་སྤྱི་ལོ་2019ལོའི་ཟླ་7པའི་ཚེས་25ཉིན་ནས་ཟླ་7པའི་ཚེས་30ཉིན་བར་གཟབ་རྒྱས་ངང་གཉེར་སྐྱོང་བྱ་རྒྱུ་ཡིན་ཞིང་།  སྤྱི་ཟླ་7པའི་ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ཐོག་"འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་"གྱི་འདེམས་སྒྲུག་འགྲན་བསྡུར་བྱེད་སྒོ་དུས་ཐོག་ཏུ་གཉེར་རྒྱུ་ཡིན།   ཐེངས་འདིའི་འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་གྱི་འདེམས་སྒྲུག་འགྲན་བསྡུར་བྱེད་སྒོ་དེ་དྲ་འཕྲིན་འབྲི་རུའི་འཕྲིན་ཕྲན་སྤྱི་དམངས་ཨང་རྟགས་ཐོག་ནས་དཔྱད་འདེམས་དང་ལས་ཡུལ་དངོས་ནས་འདེམས་སྒྲུག་སྐར་རྒྱག་བྱ་རྒྱུ་ཡིན།  འགྲན་བསྡུར་ནང་ཞུགས་མཁན་གྱི་འགྲན་ཞུགས་པ་མི་གྲངས་40དེ་དག་ཤང་གྲོང་རྡལ་ཁག་ནས་བདམ་ཐོན་བྱུང་བའི་ཞིང་འབྲོག་མང་ཚོགས་ཤ་སྟག་ཡིན།

比如县庆祝建县60周年暨比如县第十一届苏毗·娜秀文化旅游艺术节、虫草交易会将于2019年7月25日至7月30日隆重举行!期间,7月26上午9:30分,“牧人风采、比如形象”选拔赛将盛大上演。此次“牧人风采、比如形象”选拔赛,将由网信比如微信公众号线上评比和现场选拔打分两部分组成。参赛选手由各乡镇农牧民群众40名选手参加角逐。

"འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་"འདེམས་སྒྲུག་བྱེད་པའི་ལེ་ཚན་དེ་ནི་སྐབས་རིམ་བྱུང་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་ལྟད་མོ་ཆེ་ཤོས་གྲས་ཤིག་ཡིན།  འདེམས་སྒྲུག་འགྲན་བསྡུར་ཁྲོད་ཤང་གྲོང་རྡལ་ཁག་ནས་ཕེབས་པའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་མི་རིགས་ཀྱི་ཁྱད་ལྡན་གཟབ་མཆོར་ལེགས་པར་སྤྲས་ཏེ།  རྩལ་ནུས་ཡོད་རྒུ་འདོན་ནས་ནགས་ཤོད་སྐྱེས་པའི་དཔའ་ཉམས་དང་བུད་མེད་ཀྱི་གཤིས་འཇམ་འགྱུར་མེད་ཀྱི་རྣམ་པ་གང་ལེགས་མངོན་པར་བྱས་ཡོད་ལ།  ནགས་ཤོད་བུ་ཕྲུག་རྣམས་ཀྱི་ཤེས་ཡོན་སྣ་འཛོམས་དང་སྤྲོ་སེམས་འཕེལ་བའི་རྣམ་པ།  དེ་བཞིན་དུས་རབས་གསར་པའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ཀྱི་ཧུར་བརྩོན་ཡར་ཐོན་དང་།  བདེ་ཐང་ཤེས་དཔལ་གྱི་བསམ་པའི་འཚོལ་སྙིག་ཅིག་གང་ལེགས་མཚོན་པར་བྱས་ཡོད་པ་མ་ཟད་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཞིང་འབྲོག་ཁུལ་གྱི་ལོ་ཆུང་གཞོན་ནུ་ཚོས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་བློ་སྟོབས་དེ་བས་མངོན་པར་བྱས་ཡོད།

“牧人风采、比如形象”选拔项目一直都是艺术节的“重头戏”。选拔中,来自各乡镇的农牧民群众,身着民族特色服饰进行才艺比拼,充分展示娜秀男儿粗犷而又豪迈的情怀以及比如姑娘温柔兼具刚强之意境,充分展现娜秀儿女的多才多艺、热情奔放的一面,充分展现新时代农牧区群众积极向上、健康文明的精神追求,充分更展现在共产党领导下的农牧区青年建设和谐社会的壮志豪情。

གྲོགས་བཟང་རྣམ་པ་གྲ་སྒྲིག་གནང་གྲུབ་སོང་ངམ།  ད་ནི་ཁྱེད་རྣམ་པའི་རྩ་ཆེའི་འདེམས་ཤོག་འཕེན་རོགས་གནང་། 

好朋友,准备好了吗?来投出你宝贵的一票吧!


གཤམ་ལ།  དྲ་གྲོགས་རྣམས་ལ་ང་ཚོའི་འགྲན་ཞུགས་པ་རྣམས་ངོ་སྤྲོད་ཞུ་རྒྱུ་ཡིན།

女子组选手简介

བདམས་ཐོན་པ་ཁྱོན་མི་20ཡོད།   རིམ་པ་འདི་ནི་ཤང་གྲོང་བརྡལ་གྱི་ཡར་སྐྱལ་བའི་རིམ་པ་ཡིན་པ་ལས་འཁྲབ་སྟོན་གྱི་གོ་རིམ་མིན།

共20名选手,本排序为乡镇报送顺序,与选手现场出场顺序无关


ལེ་ཚན་སྤྱིའི་རྩོམ་སྒྲིག་འཁྲབ་ཁྲིད་པ།

节目总编导

ཚེ་རིང་སྐྱིད་དབྱངས།      རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་།

次仁吉央  县农业农村局局长


ལེ་ཚན་རྩོམ་སྒྲིག་འཁྲབ་ཁྲིད་པ།

节目编导

རྡོ་རྗེ།    རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ།

多杰   县艺术团演员

འགྲན་ཞུགས་པ་ཨང་དང་པོ།

1号选手

ཟླ་ཐང་ཤང་གི་ཚེ་རིང་སྒྲོལ་མ།

达塘乡:次仁卓玛

ཁོང་ནི་ལོ་19ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.72ཡོད།  ཟླ་ཐང་ཤང་དོང་མོ་གྲོང་ཚོའི་གྲོང་མི་ཡིན་ཞིང་།  ཁོ་མོའི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་དེ་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  ཁ་དན་ཚིག་གནས་དང་།  དཀའ་སྤྱད་འབད་བརྩོན།  ཡིད་ཆེས་བཅས་ཀྱིས་ཁེངས་པའི་བུ་མོ་ཞིག་བྱས་ན།  ཉིན་ཞིག་རང་ཉིད་ལ་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཤིག་ཐོབ་ངེས་ཡིན་ཞེས་པ་དེ་རེད།

达塘乡:次仁卓玛,女,19岁,身高1.72米,来自达塘乡童莫村,喜欢唱歌、跳舞。座右铭:做一个诚实守信,自信勤快的女孩,人生会有意想不到的收获哟!

ང་ནི་གཞུང་དྲང་ཟོལ་མེད་དང་དཀའ་སྤྱད་བདེན་འཚོལ་གྱི་བུ་མོ་ཞིག་ཡིན།  རྒྱུན་ལྡན་གྱི་འཚོ་བའི་ཁྲོད་སློབ་སྦྱོང་བྱས་ནས་རང་ཉིད་ཡར་རྒྱས་ཡོང་ཐབས་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད།   དེ་ཡང་གྲོགས་པོ་གྲོགས་མོ་རྣམས་ཀྱི་མིག་ལམ་དུ་ང་ནི་སྤྲོ་སྣང་ལྡན་པ་དང་།  ཡིད་ཆེས་ཀྱིས་ཁེངས་པ།  གཤིས་ཀ་འཇམ་པ།  ཁོག་ཡངས་ལྷིང་པོ།  བསམ་ཤེས་ཐོན་པོ་བཅས་ཀྱི་བུ་མོ་ཞིག་ཡིན་པ་དང་།  ནང་མིའི་མིག་ལམ་དུ་ང་ནི་ཧུར་པོ་དང་།  ཁ་ལ་ཉན་པོ།  ནང་ལས་འཇོན་པའི་བུ་མོ་ཞིག་ཡིན།  གུས་མོས་སླད་ཕྱིན་གྱི་དུས་ཚོད་ནང་རང་ནུས་ཡོད་རྒུ་འདོན་ནས་ཕ་མའི་ཁུར་པོ་ཡང་དུ་བཏང་སྟེ།  ཕ་མས་ལོ་མང་གསོ་སྐྱོང་བྱས་པའི་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་ཡིན།

我是一个正直忠诚、勤奋求实的人,生活中,会不断学习,追求人格的自我完善;在朋友眼中,我是一个乐观自信、温和开朗、稳重宽厚的人;在家人眼中,我是一个勤快、懂事的孩子,会帮助家里做各种家务,尽最大的努力减轻父母工作,报答父母多年的养育之恩。

འགྲན་ཞུགས་པ་ཨང་གཉིས་པ།

2号选手

ཟླ་ཐང་ཤང་གི་བསོད་ནམས་དཔལ་སྐྱིད།

达塘乡:索朗巴吉

ཁོ་མོ་ནི་སྤྱི་ལོ་1997ལོར་སྐྱེས་པ་དང་།   གཟུགས་པོའི་རིང་ཚད་ལ་སྨི་1.75ཡོད།  ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་ལེན་གར་འཁྲབ་དང་གྱོན་གོས་མཛེས་པོ་གྱོན་རྒྱུ་དེ་ཡིན།   མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  འཛུམ་མདངས་མང་ཙམ་ལྡན་པ་དང་།  མཛེས་རྒྱན་མང་ཙམ་སྤྲོད་པ།  བསམ་འཆར་མང་ཙམ་ཉན་པ།  དཔེ་དེབ་མང་ཙམ་བལྟ་བ་བཅས་བྱས་ན་རང་ཉིད་ཡར་རྒྱས་ཡོང་ཐུབ་ཞེས་པ་དེ་རེད།

达塘乡:索朗巴吉,女,22岁,身高1.75米,来自达塘乡喇嘛隆村。喜欢跳舞、穿漂亮衣服。座右铭:多微笑,多打扮,多倾听,多看书,可以升华自己。


འཛུམ་མདངས་ཀྱིས་ཕྱུར་བའི་བློ་བག་ཡངས་ལ་ལྷག་བསམ་དག་པའི་བུ་མོ་ཞིག་དང་།  མཛེས་སྡུག་ཡིད་དབང་འཕྲོག་པའི་བུ་མོ་ཞིག  གཞན་གྱི་བསམ་འཆར་ཉན་པ་དང་ཤེས་ཡོན་ལྡན་པའི་བུ་མོ་ཞིག་བྱེད་རྒྱུ་ནི་ངའི་ཚེ་གང་གི་ཕུགས་བསམ་ཡིན།

多微笑,做一个开朗热忱的女孩;多打扮,做一个美丽优雅的女孩;多倾听,做一个温柔善意的女孩;多看书,做一个淡定内涵的女孩。

འགྲན་ཞུགས་པ་ཨང་གསུམ་པ།

3号选手

ཤག་ཆུ་གྲོང་རྡལ་བྲག་རྭ་གྲོང་ཚོའི་བསྟན་འཛིན་ཆོས་འཛོམས།

夏曲镇:旦增曲宗

ཁོང་ནི་ལོ་23ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.70ཡོད།   ཁོ་མོའི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་དེ་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  ཉི་འོད་ཀྱིས་མི་ཚེའི་ལམ་བུ་གསལ།  ཟླ་འོད་ཀྱིས་སེམས་ཁམས་གསལ་བར་བྱེད་ཅེས་པ་དེ་རེད། 

夏曲镇:旦增曲宗,女,23岁,身高1.70米。来自夏曲镇扎热村,喜欢唱歌、跳舞。座右铭:太阳照亮人生的路、月亮照亮心灵的路。

རང་ཉིད་ནི་སྤྲོ་སྣང་ལྡན་པའི་བུ་མོ་ཞིག་ཡིན།  ང་ལ་བྱ་བ་ཅི་ཞིག་སྒྲུབ་རུང་རྒྱལ་ཕམ་ལ་མི་ལྟོས་པར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་གཤིས་རྒྱུད་ཅིག་ཡོད་པ་མ་ཟད་རང་ངོས་འགྲན་སློང་བྱ་རྒྱུ་དེ་ཡང་ངའི་མི་ཚེའི་ནང་གི་དམིགས་ཡུལ་ཆེ་ཤོས་ཤིག་ཡིན།  ངས་དུས་ནམ་ཡང་རང་ཉིད་ཀྱི་འབད་བརྩོན་བྱེད་ཕྱོགས་གཏན་འཁེལ་ཁ་གསལ་དང་ཉམས་མྱོང་བསྡུ་ལེན་ཧུར་ཐག་བྱས་ནས་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་གཏོད་ཐུབ་པ་བྱ་རྒྱུ་ཡིན།

我是一个十分乐观的女孩,我有一颗执着的心,只要是我所选取的事情,我所选取的道路,我都会十分坚定的走下去,我喜欢挑战自我,不管是成功还是失败,我会及时的找到自我的位置,吸取更多的经验,得到更大的动力,争取更大的成功。

འགྲན་ཞུགས་པ་ཨང་བཞི་པ།

4号选手

ཤག་ཆུ་གྲོང་རྡལ་ཤག་ཆུ་ཁ་གྲོང་ཚོའི་བཀྲ་་ཤིས་སྒྲོལ་མ།

夏曲镇:扎西卓玛

ཁོ་མོ་ནི་སྤྱི་ལོ་1996ལོར་སྐྱེས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.70ཡོད།  ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་དེ་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  བདེ་སྐྱིད་ནི་སྐྱེ་བོ་ཀུན་གྱི་རེ་འདོད་ཡིན་སྟབས་གཞན་ལ་བདེ་སྐྱིད་སྐྲུན་པའི་སྐབས་རང་ཉིད་ལའང་བདེ་སྐྱིད་ལྡན་སྲིད་ཞེས་པ་དེ་རེད། 

夏曲镇:扎西卓玛,女,23岁,身高1.70米,来自夏曲镇夏曲卡居委会,喜欢唱歌、跳舞。座右铭:幸福就像香水,洒给别人也一定会感染自己。

གུས་མོ་ངའི་ནང་གི་སེམས་པ་དང་ཕྱིའི་རྣམ་པ་གཉིས་གཅིག་མཚུངས་ཡིན།  དེས་ན་གཞུང་དྲང་དང་།  གཟབ་ནན།  སྤྱོད་བཟང་ཁོག་ཡངས་ནི་གུས་མོ་ང་ལ་བཞག་པའི་ཆེས་བཟང་བའི་རགས་བསྡུས་ཤིག་ཡིན།  གལ་ཏེ་མེ་ཏོག་ཞིག་ལ་དཔེ་བཞག་ནས་རང་ཉིད་མཚོན་པར་བྱས་ན།  གངས་ལྗོངས་ས་མཐོའི་ཐོག་འགྱིང་ངེར་བཞད་པའི་གངས་ལྷ་མེ་ཏོག་ལས་མེད།  གང་ལགས་ཞེ་ན།  གངས་ལྷ་མེ་ཏོག་དེ་གྲང་ངར་ལ་མི་སྐྲག་པར་འཛམ་གླིང་གི་ཡང་རྩེར་འཚོ་གནས་ཐུབ་པས་སོ།  ང་ནི་གངས་ལྷ་མེ་ཏོག་གི་སྐྱེས་སྟོབས་ལ་ཡིད་སྨོན་སྐྱེ།  ངའི་མིང་ལ་ཨ་གོ་ཟེར་གྱི་ཡོད།

我的内在就像我的外表一样,诚实和严谨是我对自己最好的概括。我不飘,不浮,不躁,不懒。如果用一朵花形容自己,我认为是雪莲花,它总是携带着理想飞向未知的旅途;如果用一物代表人生,我希望是茶,它散发着温暖的热气与幽香,回味又悠长……这就是我,扎西卓玛。

འགྲན་ཞུགས་པ་ཨང་ལྔ་པ།

5号选手

པད་དཀར་ཤང་མདའ་ཁྱིམ་གྲོང་ཚོའི་ཚེ་སྐྱིད།

白嘎乡:次吉

ཁོ་མོ་ད་ལོ་ལོ་ཉི་ཤུར་སླེབས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.69ཡོད།  ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  མཛེས་ཆས་སྤྲོད་རྒྱུ་དང་།  གླུ་ལེན་གར་འཁྲབ།  དཔེ་དེབ་བལྟ་རྒྱུ་བཅས་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  སྤྲོ་སྣང་ནི་གནས་སྐབས་ཙམ་ཡིན་པ་དང་།  བདེ་སྐྱིད་ནི་ཚེ་གང་མྱོང་རོལ་ཐུབ་པ་ཞིག་ཡིན་ཞེས་པ་དེ་རེད། 

白嘎乡:次吉,女,20岁,身高1.69米,来自白嘎乡达钦村,爱打扮,爱唱歌、跳舞、看书。座右铭:快乐是一时的,幸福是反复回味的。

གཤིས་ཀ་འཇམ་ཞིང་མཛེས་སྡུག་ཡིད་དབང་འཕྲོག་པའི་མཛེས་མ་ཁོང་ལ་སྨན་ཤར་བུ་མོ་ཚང་མས་ཡིད་སྨོན་སྐྱེས་དགོས་པའི་སྣག་ཅིང་སྣུམ་པའི་སྐྲ་ལོ་དང་།  ཆུ་ཤེལ་ལྟ་བུའི་དྭངས་ཤིང་གསལ་བའི་སྤྱན་མིག  ད་དུང་ཆུ་སྐྱེས་པད་མ་ལྟ་བུའི་ཞལ་རས་དང་།  ཕྲ་ཞིང་ལྡེམ་པའི་གཟུགས་བྱད་ལྡན་ཡོད།

坚强而美丽动人的她,时时刻刻都散发着一种让人着迷的气息,清爽的头发,清秀的脸庞,清澈的眼眸,还有那每个女孩都羡慕的身材。

འགྲན་ཞུགས་པ་ཨང་དྲུག་པ།

6号选手

པད་དཀར་ཤང་གི་བཀྲ་ཤིས་བདེ་སྐྱིད།

白嘎乡:扎西德吉

ཁོང་ནི་ལོ་18ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.70ཡོད།  ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  དཔེ་དེབ་ལྟ་རྒྱུ་དང་།  རོལ་དབྱངས་ཉན་རྒྱུ།  གླུ་གཞས་ལེན་རྒྱུ་བཅས་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  མི་ཚེའི་བགྲོད་ལམ་བདེ་བླག་ཡིན་མི་སྲིད།  བྱ་གཞག་གི་བགྲོད་ལམ་ཡང་ཀྱག་ཀྱོག་དང་དཀའ་སྡུག་གིས་ཁེངས་ཡོད་པས་འབད་འཐབ་དང་འབད་བརྩོན་བྱས་ན་གཞི་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་ཞེས་པ་དེ་རེད།

白嘎乡:扎西德吉,女,18岁,身高1.70米,来自白嘎乡斯达村。喜欢看书、听音乐、唱歌。座右铭:人生的道路不会一帆顺风,事业的征途也充满崎岖艰险,只有奋斗,只有拼搏,才会达到成功的彼岸。

སྣང་བ་སྐྱིད་ལ་གྲུང་ཤ་དོད་པ་དང་།  གཤིས་རྒྱུད་བཟང་ལ་ཡིད་ཆེས་ཀྱིས་ཁེངས་པ་ནི་བུ་མོ་ཁོང་རེད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁོང་གི་ངོ་གདོང་ཐོག་འཛུམ་མདངས་ཀྱིས་འཕྱུར་བ་ནི་འཛམ་གླིང་ཐོག་གི་བྱ་བཟང་ཐམས་བཅད་ཁོ་མོར་བྱུང་བ་དང་གཉིས་སུ་མེད། 

活泼可爱的她,充满着自信和阳光,无论何时何地脸上都充满着笑容,仿佛整个世界美好的东西都在她的身上一样。

འགྲན་ཞུགས་པ་ཨང་བདུན་པ།

7号选手

བརླན་ཆུ་ཤང་གི་ཚེ་རིང་པད་སྐྱིད།

良曲乡:次仁白吉

ཁོ་མོ་ནི་སྤྱི་ལོ་1997ལོར་སྐྱེས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.65ཡོད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་ལག་རྩེད་སྤོ་ལོ་རྒྱག་རྒྱུ་དང་།  ཞབས་བྲོ་འཁྲབ་རྒྱུ།  རོལ་དབྱངས་ཉན་རྒྱུ།  དཔེ་དེབ་ལྟ་ཀློག་བྱ་རྒྱུ།  ཐའེ་ཆོན་དྲག་རྩལ་བཅས་ལ་ཧ་ཅང་དགའ་པོ་ཡོད།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  རང་ཉིད་ཀྱི་ཚེ་གང་སྟོང་ཟད་དུ་མི་གཏོང་ཞེས་པ་དེ་ཡིན།

良曲乡:次仁白吉,女,22岁,身高1.65米。兴趣爱好:看书、舞蹈、篮球、跆拳道。座右铭:让自己的人生过得有价值!

ཚེ་རིང་པད་སྐྱིད་དཔེ་དེབ་ལྟ་ཀློག་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད་ཅིང་།  དུས་ཚོད་བྱུང་མ་ཐག་ལམ་སེང་དཔེ་ཁང་ནང་དུ་སློབ་སྦྱོང་བྱེད་པར་འགྲོ་གིན་ཡོད་སྟབས་དཔེ་ཁང་དེ་ཁོ་མོའི་ཁྱིམ་གཉིས་པར་འགྱུར་ཡོད།  སྐབས་གར་གཉིད་དོར་ཟས་བརྗེད་ཀྱིས་གསུང་རབ་ཀྱི་བཀའ་རྩོམ་མང་པོ་བལྟས་ནས་སྡོད་ཀྱི་ཡོད་པ་རེད།  སློབ་གྲྭར་སྡོད་པའི་རིང་ཁོ་མོས་རིག་གཞུང་ལས་རིགས་ཀྱི་བྱེད་སྒོ་ཚང་མའི་ནང་ཐེ་ཞུགས་ཧུར་ཐག་བྱས་ཡོད།  དེ་ཡང་སློབ་གྲྭའི་ནང་གཉེར་བའི་ཚན་རིག་གསར་གཏོད་ཀྱི་འགྲན་བསྡུར་བྱེད་སྒོའི་ནང་ཞུགས་མྱོང་བ་མ་ཟད་རང་ཉིད་ཀྱིས་རུ་ཁྲིད་ནས་མཉམ་སྦྲེལ་དྲ་རྒྱ་དང་འབྲེལ་བའི་འགྲན་བསྡུར་ཆེན་མོ་ཁག་གི་ནང་དུ་ཞུགས་མྱོང་ཡོད།  ལྷག་པར་དུ་ཁོང་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ནི་མི་འགྱུར་རྡོ་རྗེ་བྲག་ལས་བརྟན་པ་ཡོད་པ་རེད།  ཁོང་གིས་དུས་རྟག་ཏུ་འབྲི་རུའི་གོང་འཕེལ་ལ་དོ་ཁུར་ཚད་མེད་གནང་བ་དང་།  2018ལོར་འབྲི་རུ་རྫོང་གི་སྐབས་དང་པོའི་"རིག་གཏོད་འབྲི་རུ།  ནགས་ཤོད་ཡུལ་སྲོལ་"རིག་གནས་ཡུལ་སྐོར་ཐོན་རྗས་ཀྱི་ཇུས་འགོད་ཆེན་མོའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ལེན་པ་རེད།

她最大兴趣之一是看书,因此学校的图书馆成了她的第二个家,有时一天可以不吃饭不休息看完一本经典著作。在校期间的学术界活动她也从未缺席过,包括学校的科创比赛、带队参加互联网+大赛等等。她热爱自己家乡、走到哪里都不会忘记自己是比如的一份子;她时刻关注比如的发展,2018年参加比如县首届“文创比如-娜秀风情”文化旅游产品设计大赛获得二等奖。

འགྲན་ཞུགས་པ་ཨང་བརྒྱད་པ། 

8号选手

བརླན་ཆུ་ཤང་རམ་ཐང་གྲོང་ཚོའི་བློ་བཟང་མཚོ་མོ། 

良曲乡:罗桑措姆

ཁོ་མོ་ད་ལོ་ལོ་19ལ་སླེབས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.67ཡོད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་དཔེ་དེབ་ལྟ་ཀློག་དང་།  པར་ལེན།  ཞབས་བྲོ་འཁྲབ་རྒྱུ་བཅས་ལ་དགའ་པོ་ཡོད།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  ཕུགས་བསམ་བློས་གཏོང་བྱེད་མི་རུང་།  དེ་ན་ཁྱོད་ཀྱི་མ་འོངས་ཡོད་ཞེས་པ་དེ་ཡིན། 

良曲乡:罗桑措姆,女,19岁,身高1.67米,来自良曲乡然木塘村,喜欢阅读、摄影、跳舞。座右铭:不要放弃梦想,那里有你想要的诗和远方。

ངས་ཕ་མར་བསྙེན་བཀུར་ཞུ་བ་དང་།  ཕ་མའི་ཁ་ལ་ཉན་པ།  གཅེན་གཅུང་མིང་སྲིང་དང་འཆམ་མཐུན་མཉམ་གནས་བྱས་པ་མ་ཟད་གྲོང་པ་ཁྱིམ་མཚེས་དང་འབྲེལ་བ་ཡག་པོ་བཙུགས་ཀྱི་ཡོད།  ད་ཐེངས་"འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་"གྱི་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་ནས་རང་ཉིད་ལ་གྲུབ་འབྲས་བཟང་པོ་ཐོབ་པའི་རེ་བ་ཡོད། 

我是是一名在校大学生,我孝敬父母,听从父母教海,与兄弟姐妹和睦相处,与邻里关系融洽。这次在暑假期间代表良曲乡参加本次活动,只愿自己能够做好自己,尽力而为。

འགྲན་ཞུགས་པ་ཨང་དགུ་པ།

9号选手

གཤམ་ཆུ་ཤང་རི་ཞིང་གྲོང་ཚོའི་བསོད་ནམས་ལྷ་མོ།

香曲乡:索朗拉姆

ཁོ་མོ་ད་ལོ་ལོ་22ལ་སླེབས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.71ཡོད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་གླུ་ལེན་གར་འཁྲབ་དང་དཔེ་དེབ་ལྟ་ཀློག་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  མ་འོངས་ཀྱི་ཆེད་དུ་གྲ་སྒྲིག་ཨང་གསར་བྱེད་པའི་ཐབས་ཤེས་ཡག་ཤོས་ནི།  ཁྱོད་ཀྱི་བློ་རིག་ཡོད་ཚད་གཅིག་བསྡུས་དང་སྤྲོ་སེམས་ཡོད་ཚད་འཕེལ་ནས་དེ་རིང་གི་བྱ་བ་ལེགས་པོ་སྒྲུབ་རྒྱུ་དེ་ཡིན་ཞིང་།  དེ་ནི་ཁྱོད་ཀྱིས་མ་འོངས་པར་ཁ་གཏད་འཇོག་པའི་ཐབས་ཤེས་གཅིག་པུ་དེ་ཡིན།

香曲乡:索朗拉姆,女,22岁,身高1.71米,来自香曲乡日兴村,喜欢唱歌、跳舞、看书。座右铭: 为明天做准备的最好方法就是集中你所有智慧,所有的热忱,把今天的工作做得尽善尽美,这就是你能应付未来的唯一方法。

ང་ནི་དུས་རྒྱུན་ཞབས་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད།  གང་ལྟར་ཁོམ་པ་ཡོད་ཚེ་ང་རང་ཞབས་བྲོ་འཁྲབ་ནས་སྡོད་པ་དང་།  རོལ་དབྱངས་ཡོད་ཚེ་ངས་བདེ་ལྕག་འཁྱུག་པའི་ཞབས་བྲོ་འཁྲབ་ཐུབ་ཀྱི་ཡོད།  དེས་མ་ཚད་ངས་ཨ་མར་ནང་ལས་བྱེད་རོགས་བྱས་པ་དང་ཁྱིམ་ནང་གི་ནོར་ལུག་ཚང་མར་གཡོག་བྱེད་བྱེད་ཀྱི་ཡོད།  གྲོང་ཚོའི་ནང་གྲོང་མི་ཚང་མས་ང་ནི་གཞན་ལ་རོགས་རམ་བྱེད་དགའ་བའི་བུ་མོ་ཞིག་རེད་འདུག་ཞེས་བཤད་ཀྱི་ཡོད།  གང་ལགས་ཞེ་ན།  ང་ཚོའི་འབྲོག་རྭར་རྒད་མོ་ཞིག་ཡོད་པས་ངས་འབྲོག་རྭར་འགྲོ་ཐེངས་བཞིན་རང་འགུལ་གྱིས་ཁོང་ལ་ཆུ་ལེན་རོགས་དང་།  གཙང་སྦྲ་བྱེད་རོགས།  གྱོན་གོས་འཁྲུད་རོགས་བཅས་བྱེད་ཀྱི་ཡོད།

我平时最大的爱好就是跳舞,只要一空下来我就想跳舞,只要有音乐我就能翩翩起舞。我会帮助母亲打理家务,照顾牛羊。在我们牧场有一位阿妈身体特别不好,我每次回去的时候都会主动去帮她背水、打扫卫生、洗衣服,尽可能的去帮助她。

འགྲན་ཞུགས་པ་ཨང་བཅུ་པ།

10号选手

གཤམ་ཆུ་ཤང་ནག་རག་གྲོང་ཚོའི་དཔའ་སྐྱིད།

香曲乡:巴吉

ཁོ་མོ་ནི་སྤྱི་ལོ་1994ལོར་སྐྱེས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.65ཡོད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་གླུ་ལེན་གར་འཁྲབ་དང་གྱོན་ཆས་མཛེས་པོ་གྱོན་རྒྱུར་དགའ་པོ་ཡོད།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  ང་ཚོས་འབད་བརྩོན་མང་ཙམ་བྱས་ན།  རང་ཉིད་ཀྱི་ཕུགས་བསམ་དང་ཐག་ཉེ་རུ་འགྲོ་སྲིད།  ང་རང་གད་མོ་དགོད་རྒྱུར་དགའ་བས་འཚོ་བའི་ནང་སྤྲོ་སྣང་གིས་ཁེངས་པ་དང་།  ང་རང་ཞབས་བྲོ་འཁྲབ་རྒྱུར་དགའ་བས་མ་སྐྱིད་པའི་བྱ་བ་ཚང་མ་བྲོ་གར་གྱི་སྟངས་སྟབས་ཁྲོད་ནས་མེད་པར་འགྱུར་སྲིད་ཅེས་པ་དེ་ཡིན། 

香曲乡:巴吉,女,25岁,身高1.65米。来自香曲乡纳热村,喜欢唱歌、跳舞,穿漂亮衣服。座右铭: 我们多努力一点,就离梦想近一点。我爱笑,所以我一直都很开心;我爱唱歌,可以让我的思绪飞扬;我爱跳舞,可以让一切不快在我优雅的舞姿中飞速散去。

རྒན་རབས་པ་དང་གྲོགས་པོ་རྣམས་ཀྱིས་གུས་མོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་གུས་མོས་ཀྱང་ལྷན་རྒྱས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་རྒྱུ་ཡིན། 

感谢长辈和朋友们对我的关心支持,聪明可爱的我定不让你们失望!加油!

འགྲན་ཞུགས་པ་ཨང་བཅུ་གཅིག

11号选手

ཆགས་རྩེ་ཤང་གོང་མ་མདོ་གྲོང་ཚོའི་ཚེ་རིང་ཆོས་དབྱིངས།

恰则乡:次仁曲云

ཁོ་མོ་ནི་སྤྱི་ལོ་1998ལོར་སྐྱེས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.67ཡོད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  སྒྲུབ་དགོས་པའི་བྱ་བ་ཡིན་ཕྱིན་དུས་ཚོད་དང་གོ་སྐབས་འཚོལ་ཐུབ་པ་དང་།  སྒྲུབ་མི་འདོད་པའི་དོན་དག་ལའང་ཁ་གཡར་ས་བཙལ་ཐུབ་ཞེས་པ་དེ་ཡིན།

恰则乡:次仁曲云,女,21岁,身高1.67米,来自恰则乡孔玛夺村,喜欢唱歌、跳舞,座右铭:要做的事情总找得出时间和机会;不愿意做的事情也总能找得出借口。

དྭངས་གཙང་ཆུ་མོ་ལས་པད་མའི་མེ་ཏོག་འཚར།  ཡུལ་གྲུ་གཅིག་གི་ས་ཆུས་འཇིག་རྟེན་ཁམས་འདིར་མཛེས་སྡུག་ཡིད་དབང་འཕྲོག་པའི་ལྷའི་སྲས་མོ་དང་གཉིས་སུ་མ་མཆིས་པ་བསྐྱངས།  སྐུ་ན་ཕྲ་ཞིང་སྐྱེ་འབྲས་མཚར་བས་མཐོང་བ་ཙམ་གྱིས་ཀུན་གྱི་ཡིད་དབང་འཕྲོག་སྲིད།  ནོར་རྫི་བྱས་ནས་འཚར་ལོངས་བྱུང་བའི་སྨན་ཆུང་བུ་མོ་འདི་ནི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་གྲུང་ཤ་དོད་ཅིང་།  སེམས་རྩ་འཁོལ་ལ་གཤིས་རྒྱུད་བཟང་།  གལ་ཏེ་ཁྱེད་ཀྱིས་བུ་མོ་འདི་ལ་རྒྱུས་མངའ་དེ་བས་ཟབ་པ་ལོན་འདོད་ན།  ཆགས་རྩེ་ཤང་ནས་ཡོང་བའི་བུ་མོ་ཚེ་རིང་ཆོས་དབྱིངས་ཐུགས་ལ་བཞག་རོགས་གནང་།

清水出芙蓉,一方水土养育了人间美丽可爱的精灵,她正直芳龄,五官秀丽、集中灵于一身,她长发及腰,扑面一阵清香。放牧长大的她在生活中是一个活泼开朗、热情、善良,充满自信的女孩。你想更进一步了解她吗,请记住她就是来自恰则乡的次仁曲云。

འགྲན་ཞུགས་པ་ཨང་བཅུ་གཉིས།

12号选手

ཆགས་རྩེ་ཤང་ཆུ་རོང་མདོ་གྲོང་ཚོའི་ཟླ་བ་གཡུ་སྒྲོན།

恰则乡:达瓦玉珍

ཁོང་ནི་ལོ་25ལ་སླེབས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.69ཡོད།  ཁོ་མོའི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་གཞས་ལེན་རྒྱུ་དང་།  ཞབས་བྲོ་འཁྲབ་རྒྱུ།  སྐེ་རགས་སྙིང་རྗེ་པོ་བསླ་རྒྱུ་བཅས་ཡིན།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  མི་ཚེའི་ནང་གི་སྤྲོ་སྣང་ཆེ་ཤོས་ནི།  མི་ཚང་མས་ཁྱེད་ཀྱིས་སྒྲུབ་མི་ཐུབ་ཟེར་བའི་བྱ་བ་དེ་ཁྱེས་ཀྱིས་ལེགས་གྲུབ་ཐུབ་པ་དེ་ཡིན།

恰则乡:达瓦玉珍,女,25岁,身高1.69米, 来自恰则乡曲荣夺村。兴趣爱好:唱歌、跳舞、编制漂亮腰带,座右铭:人生最大的喜悦是每个人都说你做不到,你却完成它了!

ཟླ་བ་གཡུ་སྒྲོན་ནི་ནགས་ཤོད་འབྲི་རུ་ཆགས་རྩེ་ཤང་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་།  ཆུང་དུས་ནས་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད།  ཁོང་གི་གཤིས་རྒྱུད་ཕ་མ་དང་འདྲ་བར་སྤྲོ་སྣང་ལྡན་ཞིང་བློ་བག་ཡངས།  ཁོང་ཡང་གང་ལྗོངས་ས་མཐོའི་བུ་ཕྲུག་ཀུན་དང་འདྲ་བར་ཆུང་དུས་ནས་གླུ་ལེན་གར་འཁྲབ་ལ་མཁས་པའི་སྙིང་བཅུད་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་ཡོད།

出生于娜秀比如——恰则乡的一个普通藏族牧家的女孩,她从小热爱艺术,像父母那样,她性格活泼开朗,从小就耳濡目染地被藏家儿女能歌善舞精髓熏陶着。

འགྲན་ཞུགས་པ་ཨང་བཅུ་གསུམ།

13号选手

རྩྭ་ལ་ཤང་བཟང་པོ་གྲོང་ཚོའི་ནོར་སྒྲོན།

扎拉乡:罗珍

ཁོ་མོ་ནི་སྤྱི་ལོ་1999ལོར་སྐྱེས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.70ཡོད་པ་རེད།   ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  ཞབས་བྲོ་འཁྲབ་རྒྱུ་དེ་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  རང་ཉིད་ལ་ཚེ་སྲོག་སྦྱིན་མཁན་གྱི་ཕ་མ་གཉིས་པོའི་དྲིན་ཚོར་བ་བྱེད་དགོས།  འདི་ལྟར་བྱས་ཚེ་གཞི་ནས་མི་ཆོས་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཞེས་པ་དེ་རེད། 

扎拉乡:罗珍,女,20岁,身高:1.70米。来自扎拉乡桑布村,兴趣爱好:跳舞。座右铭:生命需要感恩,才能体现出“人情味”的生活。

སྨན་ཆུང་བུ་མོ་ནོར་སྒྲོན་ལ་བྱང་ཐང་བུ་མོའི་ཁྱད་ཆོས་ཚང་མ་འཛོམས་ཡོད།  ཁོང་ལ་ཡ་རབས་ཚུལ་ལྡན་གྱི་སྤྱོད་པ་དང་།  མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་བློ་རྒྱ་ལྡན་ཡོད་ལ།  ལས་ལ་བརྩོན་ཞིང་དཀའ་བ་སྤྱད་པའི་སྙིང་སྟོབས་དང་།  ཀུན་ལ་བྱམས་ཀྱིས་སྐྱོང་བའི་སེམས་ཁམས་ལྡན་ཡོད།  ཁོང་གིས་ཆེས་སྤོབས་པ་སྐྱེས་འོས་པ་ནི་རང་ཉིད་ཀྱི་ཕ་མ་ཡིན།  ནོར་སྒྲོན་གྱི་འཚོ་བ་ཧ་ཅང་སྟབས་བདེ་པོ་དང་སྤྱིར་བཏང་ཞིག་ཡིན་སྟབས་ཁོ་མོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཕ་མར་བསྙེན་བཀུར་ཞུས་ནས་ཕ་མའི་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་དེ་ནི་རང་ཉིད་ཀྱི་འཚོ་བའི་ནང་ཆེས་དོན་སྙིང་ལྡན་པ་དང་ཆེས་སྤྲོ་སྣང་སྐྱེས་འོས་པའི་བྱ་བ་ཞིག་ཏུ་བརྩིས་ཀྱི་ཡོད།  ཁོང་གི་རེ་བ་ཆེ་ཤོས་དེ་ཡང་ཕ་མ་གཉིས་པོ་སྐུ་གཟུགས་གསལ་ཐང་དང་སྤྲོ་སྣང་རབ་ཏུ་འཕེལ་ཐུབ་པ་བྱ་རྒྱུ་དེ་རེད། 

罗珍是一个藏北姑娘的典型代表,具有良好的修养,文明的举止,博大的胸怀以及一个充满博爱的心灵和一双勤劳的双手,她最值得骄傲的是自己的父母,罗珍的生活简单而又平淡,在酸甜苦辣的生活中寻找快乐,她非常孝敬父母,他认为生活的意义在于父母持续不断的快乐。她希望自己通过在舞台上表达出用一颗感恩和虔诚的心,去为父母获得更多的开心快乐,祝愿他们健康长寿。

འགྲན་ཞུགས་པ་ཨང་བཅུ་བཞི།

14号选手

རྩྭ་ལ་ཤང་རྔ་ཤུག་གྲོང་ཚོའི་ཚེ་གཡང་། 

扎拉乡:次央

ཁོང་ནི་ལོ་21ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.70ཡོད་པ་རེད།   ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་ཡིན།  མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  ནགས་ཤོད་ཀྱི་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་ངོ་མཚར་འབུམ་གྱིས་ཕྱུག་པའི་གཏམ་རྒྱུད་ལ་ཤིན་ཏུ་དགའ་ཞེས་པ་དེ་རེད། 

扎拉乡:次央,女,21岁,身高1.70米,来自扎拉乡昂秀村。兴趣爱好:唱歌、跳舞。座右铭:无悔地深爱着娜秀音乐和那片神秘土地蕴藏着的无尽传说。

ང་རང་གཞས་གཏོང་རྒྱུར་ཧ་ཅང་དགའ་པོ་ཡོད།  གང་ལགས་ཞེ་ན།  རང་ཉིད་ཀྱི་སེམས་ཁམས་དང་བློ་ཁར་གཞིགས་ནས་གླུ་གཞས་འདམ་ག་བྱེད་ཆོག་པས་སོ།  དེ་ཡང་གྲོགས་པོ་དང་ཕན་ཚུན་སྙིང་གཏམ་ཤོད་རེས་བྱས་པ་དང་གཅིག་མཚུངས་ཡིན་ལ།  གྲོགས་པོས་རང་ཉིད་ཀྱི་སྐྱིད་སྡུག་ཚང་མ་ཤེས་པ་དང་འདྲ། 

喜欢唱歌,唱的就是感觉,倾向于当时自己的情绪选择歌曲,高兴可以嗨,伤心可以边听边流泪,就如同和朋友交流,它能懂我的喜怒哀乐。

འགྲན་ཞུགས་པ་ཨང་བཅོ་ལྔ།

15号选手

གཡང་ཤོད་ཤང་ཨུ་གཞུང་གྲོང་ཚོའི་འཕྲིན་ལས་སྒྲོལ་མ། 

羊秀乡:赤列卓玛

ཁོ་མོ་ནི་ལོ་23ལ་སླེབས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.69ཡོད།   དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁོང་ནི་ལུས་སྦྱོང་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་པ་རེད།  ཁོང་གི་མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  འཚོ་བ་ནི་མེ་ལོང་ཞིག་དང་འདྲ།  རང་གི་མེ་ལོང་མདུན་དུ་རྣམ་འགྱུར་ཅི་འདྲ་ཞིག་སྟོན་རུང་མི་ལོང་ནང་ནས་རང་ཉིད་ལ་རྣམ་འགྱུར་དེ་འདྲ་རང་ཞིག་སྟོན་སྲིད།  དེར་བརྟེན་ནམ་ཡང་འཛུམ་མདངས་ལྡན་ཞིང་ཡིད་དུ་འོང་བའི་བུ་མོ་ཞིག་བྱེད་དགོས་ཞེས་པ་དེ་ཡིན།

羊秀乡:赤列卓玛,女,23岁,身高:1.69米,来自羊秀乡吾雄村。喜欢唱歌跳舞,更喜欢运动。座右铭:生活是一面镜子,你对它笑,他就对你笑,你对它沉默,它就对你沉默,所以我做一名美丽优雅的的女孩。

འདེམས་སྒྲུག་བྱས་པ་བརྒྱུད།  རང་ཉིད་གཡང་ཤོད་ཤང་གི་ཚབ་བྱས་ནས་རྫོང་སྒྱུ་རྩལ་དུས་ཆེན་གྱི་"འབྲོག་པའི་ཉམས་བཟང་།  འབྲི་རུའི་གཟུགས་བརྙན་"  གྱི་འགྲན་བསྡུར་བྱེད་སྒོའི་ནང་ཞུགས་ཐུབ་པ་བྱུང་སོང་།  ངས་རང་ཉིད་ལ་བློ་ཁོག་དེ་འདྲ་གང་ནས་ཡོང་མིན་ཤེས་མི་སོང་།  གཅིག་བྱས་ན་རང་ཉིད་ཀྱི་མཛེས་ཉམས་ངོམས་རྒྱུའི་ཆེད་དུ་ཡིན་གྱི་རེད།  དེ་ཡང་ངའི་མི་ཚེའི་ཁྲོད་ཀྱི་འགྲན་ཞུགས་ཐེངས་མ་དང་པོ་དེ་ཡིན།  བརྡ་ཐོ་འབྱོར་བའི་རྗེས་ངས་ལམ་སེང་ཁྱིམ་དུ་ལོག་ནས་བོད་ཆས་སྙིང་རྗེ་ཤོས་དེ་གྱོན་ནས་ཤེལ་སྒོའི་མདུན་དུ་ལངས་ཏེ་ངོམ་སྟོན་བྱས་པ་ན།   སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཚང་མའི་དགའ་བསུ་ཐོབ་བྱུང་།  ད་ཐེངས་རྫོང་ནས་རང་ཉིད་འགྲན་ཞུགས་པའི་གྲས་སུ་བདམས་ནས་ཉིན་ཁ་ཤས་ཀྱི་སྦྱོང་བརྡར་སྤྲད་པ་བརྒྱུད་ད་ལྟ་རང་ཉིད་གར་སྟེགས་ཐོག་རང་སོའི་སྒེག་ཉམས་འདོན་ནས་གཟིགས་མོ་གཟིགས་མཁན་རྣམས་ལ་འཁྲབ་སྟོན་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད།

通过选拔,我成功被选为代表羊秀乡参加县艺术节“牧人风采·比如形象”大赛,我不知道自己哪来那么大的勇气,反正豁出去了,这也是人生一次机遇,我立马去家里找了最得意的藏装。照镜子走秀,我仿佛听到了此起彼伏的掌声,姐妹们说我非常棒,说我的勇气会征服观众。不过自从我到县里参加几天的排练,我已经慢慢的越来越喜欢这个舞台了。

འགྲན་ཞུགས་པ་ཨང་བཅུ་དྲུག

16号选手

གཡང་ཤོད་ཤང་འཁྱིལ་མདའ་གྲོང་ཚོའི་ཡེ་ཤེས་ཆོས་སྒྲོན།

羊秀乡:益西曲珍

ཁོ་མོ་ནི་སྤྱི་ལོ་1998ལོར་སྐྱེས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.74ཡོད།   ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  ཞབས་བྲོ་འཁྲབ་རྒྱུ་དང་གཞན་ལ་རོགས་རམ་བྱ་རྒྱུ་དེ་ཡིན།   མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  གཞན་ལ་རོགས་རམ་བྱས་ན་རང་ཉིད་ཀྱང་སྤྲོ་བ་འཕེལ་སྲིད།  དེར་བརྟེན་ང་རང་གཤིས་ཀ་འཇམ་ཞིང་སེམས་བཟང་པོའི་བུ་མོ་ཞིག་བྱེད་ཀྱི་ཡིན་ཞེས་པ་དེ་རེད།

羊秀乡:益西曲珍,女,21岁,身高:1.74米,来自羊秀乡奇达村。兴趣爱好:喜欢跳舞,还有助人为乐。座右铭:送人玫瑰,手留余香,我要做一名温柔善意的女孩。

རང་ཉིད་ནི་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་འདོད་ཆེན་པོ་ཡོད་ལ།  གྲོགས་པོ་འགྲིག་རྒྱུར་ཧ་ཅང་དགའ་པོ་ཡོད་པ་མ་ཟད་གཞས་དང་ཞབས་བྲོར་དེ་བས་དགའ་པོ་ཡོད།  ཕ་མར་བསྙེན་བཀུར་དང་གཅེན་གཅུང་དང་འཆམ་མཐུན་མཉམ་གནས་བྱེད་རྒྱུ་ནི་ང་རང་གི་འགན་འཁྲི་ཡིན་བསམ་གྱི་འདུག  ངའི་རེ་བ་ལ།  དེ་རིང་གི་འགྲན་བསྡུར་བྱེད་སྒོ་བརྒྱུད་ནས།  རང་ཉིད་ཀྱི་སྤྲོ་སེམས་དང་ཡར་བརྩོན་གྱི་འཚོ་བའི་རྣམ་འགྱུར་དེ་མི་ཚང་མར་བརྒྱུད་སྤྲོད་ཐུབ་པ་བྱ་རྒྱུ་ཡིན།

我喜欢参加各种活动,喜欢结交朋友,喜欢跳舞,我孝敬父母,听从父母教海,与兄弟姐妹和睦相处,我希望能通过比赛,将我热情、积极的生活态度传递给更多的人。

འགྲན་ཞུགས་པ་ཨང་བཅུ་བདུན།

17号选手

ཚྭ་ཆུ་ཤང་ཀོ་སྣ་གྲོང་ཚོའི་འོད་ཟེར་ཆོས་མཚོ།

茶曲乡:维色曲措

ཁོང་ནི་ལོ་23ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.67ཡོད།  ཁོ་མོའི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་ཡིན།   མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  གཞན་ཕན་སྒྲུབ་པར་འབྲས་བཟང་མྱུར་དུ་ཐོབ་མི་སྲིད།  འོན་ཀྱང་སེམས་བཟང་ཅན་ལ་ནམ་ཡང་དཀོན་མཆོག་གི་གཟིགས་སྐྱོང་ཐོབ་སྲིད་ཅེས་པ་དེ་རེད།

茶曲乡:维色曲措,女,23岁,身高1.67米,来自茶曲乡郭那村。兴趣爱好:唱歌、跳舞等。座右铭:与人为善不一定马上就有回报,但善良的人始终会得到上天的眷顾。

ང་ནི་བློ་བག་ཡངས་ཤིང་སྣང་བ་སྐྱིད་པའི་བུ་མོ་ཞིག་ཡིན་ལ།  སེམས་རྩ་འཁོལ་ཞིང་ངལ་རྩོལ་ལ་དགའ་ཞེན་དང་གླུ་ལེན་གར་འཁྲབ་ལ་མཁས་པའི་བུ་མོ་ཞིག་ཡིན།  ངའི་མིང་ལ་འོད་ཟེར་ཆོས་མཚོ་ཟེར་གྱི་ཡོད།  གྲོགས་པོ་རྣམས་ཀྱིས་ང་ལ་འདེམས་ཤོག་འཕེན་རོགས་གནང་།  བཀའ་དྲིན་ཆེ།

我性格开朗活泼,热情好客;我热爱劳动,喜欢在大自然中跳舞唱歌。我是维色曲措,我为自己代言。

འགྲན་ཞུགས་པ་ཨང་བཅོ་བརྒྱད།

18号选手

ཚྭ་ཆུ་ཤང་བེ་ཐང་གྲོང་ཚོའི་ཚེ་འཛོམས།

茶曲乡:次宗

ཁོང་ནི་ལོ་21ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.66ཡོད།   ཁོ་མོའི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་གཞས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་ཡིན།   མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  སྤྲོ་སྣང་ལྡན་པའི་གཤིས་ཀས་ཉེ་འགྲམ་གྱི་སྤུན་མཆེད་དང་གྲོགས་པོ་གྲོགས་མོར་བདེ་སྐྱིད་སྦྱིན་ཐུབ་ཞེས་པ་དེ་རེད།

茶曲乡:次宗,女,21岁,身高:1.66米,来自茶曲乡肥塘村。兴趣爱好:唱歌、跳舞等。座右铭:活泼快乐的性格,能感染身边的亲人和朋友,让大家一起开心快乐。

ང་ལ་སྤྲོ་སྣང་ལྡན་ཞིང་བློ་བག་ཡངས་པའི་གཤིས་ཀ་ཞིག་ཡོད་ལ།  དཀའ་སྤྱད་ལས་བརྩོན་གྱི་སྙིང་སྟོབས་ཤིག་ཀྱང་ཡོད།  ངས་རང་ཉིད་ཀྱི་མི་ཚེའི་ཁྲོད་འདས་ཟིན་པའི་ཡོད་དོ་ཅོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།  མ་གཞི་རང་ཉིད་བུད་མེད་དཀྱུས་མ་ཞིག་ཡིན་མོད།  འོན་ཀྱང་རང་ཉིད་ཀྱིས་ལང་ཚོའི་ཚ་རླབས་འཕྱུར་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་ཐུབ་པ་བྱ་རྒྱུ་ཡིན།

我性格热情大方,我勤劳扎实,我感恩一切身边的过往。我虽然平凡,但我要个性飞扬、青春荡漾,我总觉得自己可以像天使一样展翅飞翔。

འགྲན་ཞུགས་པ་ཨང་བཅུ་དགུ།

19号选手

འབྲི་རུ་གྲོང་རྡལ་སྐྱབས་རམ་གྲོང་ཚོའི་ལྷག་སྒྲོན།

比如镇:拉珍

ཁོང་ནི་ལོ་22ཡིན་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.69ཡོད།   ཁོ་མོའི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་ལེན་གར་འཁྲབ་དང་ལག་ཤེས་ལ་བརྩོན་པ་བྱ་རྒྱུ་དེ་ཡིན།   མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  དམིགས་ཚད་ཅིག་གཏན་འཁེལ་བྱས་ཏེ་བྱ་བ་ཆུང་ངུ་ནས་འགོ་བརྩམ་ཚེ་ཁྱེད་ཀྱི་དམིགས་ཡུལ་མངོན་འགྱུར་མགྱོགས་པོ་ཡོང་སྲིད།

比如镇:拉珍,女,22岁,身高1.69米,来自比如镇迦然村。兴趣爱好:唱歌跳舞、做手工。座右铭:定一个目标,然后从小事做起,你会发现实现起来更快一些。

གཤིས་ཀ་འཇམ་ལ་བློ་རྒྱ་ཆེ་བའི་ཁོ་མོར་སྣག་ཅིང་སྣུམ་པའི་སྐྲ་ལོ་རིང་པོ་ཞིག་ཡོད་ལ།  རྒན་རབས་ལ་བསྙེན་བཀུར་དང་།   གྲོང་པ་ཁྱིམ་མཚེས་ལ་མཐུན་སྒྲིལ།  མི་གཞན་ལ་རོགས་རམ་བྱེད་དགའ་བའི་བསམ་བློ་ཞིག་ཡོད།   དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁོ་མོས་སྐེ་རགས་སྙིང་རྗེ་པོ་བསླ་བས་གྲོགས་པོ་གྲོགས་མོ་ཚང་མས་ཁོ་མོ་ནི་བསམ་རྒྱུད་དཀར་ལ་ལག་ཤེས་མཁས་པའི་བུ་མོ་ཞིག་རེད་ཅེས་བསྟོད་བསྔགས་ཡང་ཡང་བཏང་གི་ཡོད།

温柔大方的她,有着乌黑靓丽的长发,她孝敬长辈,团结邻里,乐于助人,爱笑开朗,是家里的开心果。做得一手好手工,织出的腰带很漂亮,朋友们都夸她心灵手巧。

འགྲན་ཞུགས་པ་ཨང་ཉི་ཤུ།

20号选手

འབྲི་རུ་གྲོང་རྡལ་འཇིབ་ཁྲ་གྲོང་མི་ཨུ་ལྷན་གྱི་བཀྲ་ཤིས་ལྷ་མོ།

比如镇:扎西拉姆

ཁོ་མོ་ནི་སྤྱི་ལོ་1981ལོར་སྐྱེས་པ་དང་།  གཟུགས་པོའི་རིང་ཚད་ལ་སྨི་1.75ཡོད།   ཁོང་གི་དགའ་ཁ་འཁྱེར་ཕྱོགས་ནི།  གླུ་ལེན་གར་འཁྲབ་ཡིན།   མི་ཚེའི་རྩ་དོན་ལྡན་པའི་སྐད་ཆ་ནི།  འབྲི་རུའི་རི་ཆུར་བརྟེན་ནས་ང་རང་འཚར་ལོངས་བྱུང་།   མཛེས་པའི་ཕ་ཡུལ་གུས་མོས་ཤིན་ཏུ་གཅེས་ཞེས་པ་དེ་ཡིན།

比如镇:扎西拉姆,38岁,身高1.75米,来自比如镇吉扎居委会。兴许爱好:唱歌、跳舞。座右铭:比如的山和水滋润和养育了我,我热爱家乡这片美丽的土地。


ཞབས་བྲོར་དགའ་བའི་བུ་མོ་ང་ལ་ཀུན་གྱིས་ཡིད་སྨོན་སྐྱེས་པའི་གཟུགས་བྱད་ཡག་པོ་ཞིག་ཡོད།  མ་གཞི་རང་ཉིད་མཛེས་ཤོས་དེ་མིན།  འོན་ཀྱང་རང་ཉིད་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད།  དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁོམ་པ་ཡོད་མ་ཐག་རང་ཉིད་ཀྱིས་སྐོར་བྲོ་དང་སྟག་ཕུའི་ཨར་གཞས་ལ་སོགས་སྦྱོང་རྒྱུར་དད་ཞེན་ཆེན་པོ་བྱེད་ཀྱི་ཡོད།  དགའ་ཕྱོགས་དེ་ལྟ་བུ་ཞིག་ཡོད་སྟབས་གུས་མོས་དཀའ་སྡུག་ལ་མི་སྐྲག་པར་འབྲི་རུ་གྲོང་རྡལ་གྱིས་གཉེར་བའི་བྱེད་སྒོ་ཆེ་གྲས་ཚང་མའི་ནང་ཐེ་ཞུགས་ཧུར་ཐག་བྱེད་ཀྱི་ཡོད།རེ་བར་ལྷན་རྒྱས་ཀྱིས་ང་ལ་ཡིད་ཆེས་གནང་ནས་གར་སྟེགས་དེའི་ཐོག་རྩ་ཆེའི་འདེམས་ཤོག་ཞིག་འཕེན་རོགས་གནང་།  རང་ཉིད་ཀྱིས་ཀྱང་ཉམས་འགྱུར་ཡོངས་སུ་ངོམས་ནས་ལྷན་རྒྱས་ལ་སྤྲོ་སྣང་སྦྱིན་ཐུབ་པ་བྱ་རྒྱུ་ཡིན།

喜欢跳舞的我,让我有着玲珑有致的好身材,虽然我不是最漂亮的那一个,但绝对是最特别的那一个,我平时闲暇时就练习舞蹈,包括锅庄、达布阿谐等等,特别勤奋,每次比如镇有大型活动我都积极踊跃参与,不怕苦不怕累。今天我想通过此次机会展现自己,突破自己,希望大家支持我。

供稿:各乡镇党委、政府


主编:张俊

编辑:吴晓聪

翻译:旦增多吉、色珍

拍摄:米玛次仁

校对:米玛次仁、肖晓燕、桑珍


རྩོམ་བསྐུར་ཡིག་སྒམ། ༢༨༧༧༣༩༩༤qq.com 

投稿邮箱号:28773994qq.com


—The End—


往期精选


1、我县赴甬参加2018中国(宁波)食品博览会,感谢CCTV……

2、听一次别样的比如虫草之旅,晚安!

3、冬游西藏 |  隐藏在那曲的最后一块绝世秘境!

4、比如县顺达驾校落成啦,落成啦,成啦,啦!

5、医疗民生 | 宫外孕破裂导致失血性休克,汶上专家精诚协作,病人转危为安!

6、邂逅萨普 | 比如“奔驰”在路上,只因比如而来!

7、年薪8万-30万任性招人!

继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存